བོད་མི་རྣམས་ཀྱིས་རྒྱུན་གཏན་གྱི་ཤེས་བྱ་འདིའི་རིགས་ཡང་དག་པར་ཤེས་ན། གློ་བུར་དུ་བྱུང་བའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་ལས་མིའི་ཚེ་སྲོག་མྱུར་སྐྱོབ་བྱེད་ཐུབ། བོད་མིའི་སྤྱི་ཚོགས་སུ་མྱོར་སྐྱོབ་བཅོས་ཐབས་ཀྱི་ཤེས་བྱ་དང་ལག་ལེན་གཉིས་ཀར་ཞན་དྲགས་པས། རྒྱུན་གཏན་དུ་སློབ་གྲྭའི་རྩེད་ཐང་དང་མི་མང་བསྡུ་འཛོམས་བྱེད་སར་མི་མང་པོའི་ཚེ་སྲོག་གློ་བུར་དུ་ཤོར་ཟིན་པ་དང་ཤོར་བཞིན་ཡོད། མྱུར་སྐྱོབ་བཅོས་ཐབས་ཀྱི་རིག་རྩལ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།
- ཉེན་ཁར་བརྟག་དཔྱད་བྱེད་པ། (DANGER)
ཁྱེད་རང་དང་གནོད་འཚེ་ཕོག་མཁན། གཞན་ཡང་ཉེ་འཁོར་གྱི་མི་གཞན་ལ་ཉེན་ཁ་ཡོད་མེད་བརྟག་དཔྱད་བྱེད་དགོས།
- ཡ་ལན་སློག་མིན་བརྟག་དཔྱད་བྱེད་པ།(RESPONSE)
གནོད་འཚེ་ཕོག་མཁན་ལ་ལག་པ་འཆང་ནས་རེག་བྱའི་ཡ་ལན་སློག་མིན་དང་སྐད་ཆ་འདྲི་སྟེ་ཡ་ལན་སློག་མིན་ལ་བརྟག་དཔྱད་བྱེད་དགོས།
- རོགས་རམ་སྐད་གཏོང་བ།(SEND)
སོ་སོའི་གནས་ཡུལ་གྱི་མྱར་སྐྱོབ་ཁ་པར་ཨང་གྲངས་(ཨོ་གླིང་།000)གང་ཡིན་ན་དེ་རྒྱབ་ཏེ་གང་མྱུར་རོགས་རམ་སྐད་གཏང་དགོས།
- ཁ་དབུགས་འགྲོ་ལམ། (AIRWAY)
ཁ་དབུགས་འགྲོ་ལམ་གཙང་མ་ཡོད་མེད་ནན་ཏན་བརྟག་དགོས། གནོད་འཚེ་ཕོག་མཁན་དེའི་ཁ་དབུགས་འགྲོ་ལམ་འགག་ཡོད་ཚེ། ཕྱོགས་གཞན་དུ་ཁ་བསྒྱུར་ནས་ཁ་དབུགས་འགྲོ་ལམ་གཙང་མ་བཟོ་དགོས།
- དབུགས་གཏོང་སྟངས་བརྟག་དཔྱད།(BREATHING)
མིག་གིས་ལྟ་བ་དང་། རྣ་བས་ཉན་པ་། ཚོར་བའི་རེག་བྱ་སོགས་ལ་བརྟག་དཔྱད་བྱེད་ནས་རྒྱུན་གཏན་ལྟར་དབུགས་གཏོང་གི་ཡོད་མེད་བརྟག་དཔྱད་བྱེད་དགོས། གལ་སྲིད་རྒྱུན་གཏན་ལྟར་གྱི་དབུགས་གཏོང་སྟངས་ཀྱི་རྟགས་མཚན་གང་ཡང་མེད་ཚེ་། མྱུར་སྐྱོབ་བཅོས་ཐབས་(CPR)བེད་སྤྱོད་གཏང་དགོས།
- མྱུར་སྐྱོབ་བཅོས་ཐབས་མགོ་བཙུགས་བ། (CPR 30:2)
ལག་གཉིས་མཉམ་རུབ་བྱས་ཏེ་གནོད་འཚེ་ཕོག་མཁན་གྱི་བྲང་གཞུང་ལ་ཐེངས་(30)གནོན་དགོས་ཤིང་། དེ་མ་ཐག་ཁ་ཡིས་ཁ་གཏད་ནས་དབུགས་ཐེངས་(2)མར་རྒྱབ་དགོས།
- གློག་འཕྲུལ་མྱུར་སྐྱོབ།(DEFIBRILLATION)
གནོད་འཚེ་ཕོག་མཁན་དེའི་དབུགས་རྒྱུན་གཏན་ལྟར་མ་གཏང་བའི་བར་དུ་མྱུར་སྐྱོབ་བཅོས་ཐབས་(CPR)བེད་སྤྱོད་མུ་མཐུད་དེ་གཏོང་དགོས་ཤིང་། དེ་བཞིན་ཛ་དྲག་མྱུར་སྐྱོབ་ཞབས་ཞུ་བ་འབྱོར་རྗེས་ཁྱེད་ལ་མྱུར་སྐྱོབ་བཅོས་ཐབས་བེད་སྤྱོད་གཏོང་མཚམས་ཞོག་ལབ་ཀྱི་རེད། མཐུན་རྐྱེན་འཛོམས་ན་གང་མགྱོགས་སུ་གློག་འཕྲུལ་མྱུར་སྐྱོབ་(AED)བེད་སྤྱོད་གཏང་དགོས།
༼མཆན།༽ ཚོགས་པ་རེ་འགས་མྱུར་སྐྱོབ་བཅོས་ཐབས་ཀྱི་སྐོར་ལ་ཟབ་སྦྱོང་ཡང་གོ་སྒྲིག་བྱེད་ཀྱི་ཡོད་བས། ཁྱེད་རང་བཅར་ཐུབ་ན་ལེགས།