༄༅།། ༢༠༡༨ ཟླ་བ་ ༡༠ ཚེས་ ༩ ཉིན་ཧན་ལེ་ཕྱི་སྐྱོད་ལག་དེབ་བྱ་ར་(Henley Passport Index)ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཉི་ཧོང་གི་ཕྱི་སྐྱོད་ལག་དེབ་དེ། ད་ལྟའི་ཆར་འཛམ་གླིང་ཐོག་ནུས་པ་ཆེ་ཤོས་ཀྱི་ཕྱི་སྐྱོད་ལག་དེབ་ཨང་དང་པོ་ཡིན་པ་དང་། ལག་དེབ་དེ་ཡོད་ན། འཛམ་གླིང་གི་རྒྱལ་ཁབ་གྲངས་ ༡༩༠ ལ་ཐོངས་མཆན་རྩ་བ་ནས་ཞུ་མི་དགོས་པར་བསྐྱོད་པའམ། རྒྱལ་ཁབ་དེར་སླེབས་པ་དང་དུས་མཉམ་དུ་ཐོངས་མཆན་ཞུས་ཏེ་བསྐྱོད་ཆོག་གི་ཡོད།
གཤམ་དུ་འཛམ་གླིང་གི་ཕྱི་སྐྱོད་ལག་དེབ་ནུས་པ་ཆེ་ཤོས་ཁག་བཅུ་ཨང་རིམ་གཞི་བཟུང་བཀོད་ཡོད། རྒྱལ་ཁབ་སོ་སོའི་མཇུག་ཏུ་བཀོད་པའི་གྲངས་ཀ་དེ། འཕྲལ་བསྐྱོད་ཐུབ་སའི་རྒྱལ་ཁབ་ཀྱི་ཁ་གྲངས་ཡིན། དཔེར་ན། སིངྒ་པུར་ཨང་གཉིས་པ་ཡིན་པ་དང་། སིངྒ་པུར་གྱི་ཕྱི་སྐྱོད་ལག་ཁྱེར་ཡོད་ན། རྒྱལ་ཁབ་ ༡༨༩ ལ་ཐོངས་མཆན་མི་དགོས་པར་བསྐྱོད་ཆོག་པའམ། འགྲོ་སའི་རྒྱལ་ཁབ་ཏུ་སླེབས་འཕྲལ་ཐོངས་མཆན་ཞུས་ཏེ་བསྐྱོད་ཆོག་པ་ལྟ་བུས་མཚོན་ནོ།།
- ཉི་ཧོང་། Japan: 190
2. སིངྒ་པུར། Singapore: 189
3. རྗར་མ་ནི་དང་། ཧྥ་རན་སི། ལྷོ་ཀོ་རི་ཡ། Germany, France, South Korea: 188
4. ཌན་མག་དང་། ཧྥིན་ལཎྜི། ཨི་ཊ་ལི། སུད་ཌན། སེ་ཕན། Denmark, Finland, Italy, Sweden, Spain: 187
5. ནོར་ཝེ་དང་། ཨིན་ཡུལ། ཨོ་སེ་ཊི་རི་ཡ། ལུ་སེམ་བྷག ན་ཐ་ལནྜི། པོར་ཅུ་གྷལ། ཨ་རི། Norway, United Kingdom, Austria, Luxembourg, Netherlands, Portugal, United States: 186
6. བྷེལ་ཇམ་དང་། སུད་སི། ཨའི་རི་ལནྜི། ཁེ་ན་ཌ། Belgium, Switzerland, Ireland, Canada: 185
7. ཨོ་སི་ཊོ་ལི་ཡ་དང་། གྷི་རི་སི། མལ་ཊ། Australia, Greece, Malta: 183
8. ནིའུ་ཛི་ལནྜི་དང་། ཅེག New Zealand, Czech Republic: 182
9. ཨའེ་སི་ལནྜི། Iceland: 181
10. ཧང་གྷ་རི་དང་། ས་ལོ་ཝེ་ནི་ཡ། མ་ལའི་ཤེ་ཡ་ Hungary, Slovenia, Malaysia: 180