མདུན་ངོས། ལོ་རྒྱུས། གདོད་མའི་བོད་...

གདོད་མའི་བོད་ཀྱི་མངའ་ཐང་།

༡༧༡༧༡༣

༄༅།  །ལྷ་གཅིག་ཕྱག་ན་པདྨོ་མི་རྗེའི་ཚུལ།  །ལུགས་གཉིས་འཁོར་ལོས་བསྒྱུར་བའི་དབང་ཕྱུག་ཆེ།  །སྲིད་གསུམ་ཟིལ་གནོན་སྲོང་བཙན་སྒམ་པོ་ཡིས།  །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་དེ་རྒྱལ།  །ཞེས་བསྔགས་པ་ལྟར་གནའ་བོའི་བོད་ཀྱི་ལྷ་བཙན་པོ་རིམ་བྱོན་གྱི་མངའ་ཐང་སྐོར་ཅུང་ཞིག་འགོད་པར་སྤྲོ།  དེ་ཡང་གངས་ལྗོངས་བོད་ཀྱི་ལོ་རྒྱུས་སྨྲ་བའི་གཏེར་ཆེན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱལ་རབས་དེབ་ཐེར་དཀར་པོ་ལས།  བོད་དམགས་རྒྱ་གར་དུ་སླེབས་ཏེ།  རྒྱ་གར་ཡུལ་དབུས་ཀྱི་རྒྱལ་ས་ཀཱ་ནྱ་ཀུབྫ་བཟུངཞིང་།  རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག  གྲོང་ཁྱེར་ཆེ་ཆུང་༡༨༠ཙམ་བོད་ཀྱི་འབངས་སུ་བཅུག  བལ་ཡུལ་ནི་དེའི་གོང་ནས་བོད་ཀྱི་ཆབ་འོག་ཏུ་བཅུག་ནས་མི་རབས་གཅིག་ལྷག་ཙམ་འདས།  རྒྱ་ནག་རི་བོ་རྩེ་ལྔ་ལས་ཀྱང་བརྒལ་ནས་བོད་ཀྱི་དཔུང་ཆེན་སླེབས་ཏེ།  གོང་མ་རང་ཡང་ལན་གཅིག་ཁྲི་ལས་ཕབ་པ་དང་།  དེ་མཚུངས་གྲུ་གུ་དང་ལི་ཡུལ་ཡུན་ནན་སོགས་ཀྱང་བོད་ཀྱི་འོག་ཏུ་ལོ་བརྒྱ་ཕྲག་ལྷག་པར་གནས་པ་སོགས།  བདེན་པ་ར་སྤྲོད་གཏོང་ནུས་པའི་རྒྱལ་རབས་ཀྱི་ཆ་ཤས་བརྗེད་དུ་འཕང་པ་འདི་འདྲ་དག་ཀྱང་།  ཐ་ན་ཕྱི་རྒྱའི་མཁས་པ་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་ན་ཡང་ཁྱབ་བརྡལ་དུ་གྲགས་མོད་ཀྱི།  རང་ཡུལ་གྱི་མི་རྣམས་ལ་ནི་ཕལ་ཆེར་རྒྱུས་མེད་ཀྱི་ས་མཚམས་སུ་སླེབས་ལ།  རྒྱ་གར་དུ་དམགས་དྲངས་པའི་ལོ་རྒྱུས་ནི་རྦ་བཞེད་དུ་ཡང་རྒྱས་ཙམ་བྱུང་ཞིང་།  གོང་མ་རྒྱལ་ས་ནས་བྲོས་ཚུལ་སོགས་རྩེ་ཞོལ་རྡོ་རིང་ལྷི་ངོས་སུ་ཡང་གསལ་བར་ཡོད་དེ་འོག་ཏུ་འགོད་པར་བྱའོ།  །ཞེས་གསལ་བ་ཐོག་མའི་རྟེན་མཚོན་དུ་བཀོད་དེ།  སླད་ནས་མ་རྐང་སྔོན་བྱུང་ཁུང་མ་རྣམས་གཞི་རྩར་བཞག་ནས།  དེང་དུས་ཀྱི་བརྡ་སྦྱོར་དང་མཐུན་པའམ་ཅུང་གོ་བདེར་བྲིས་ན་ཕན་ཆ་ཆེ་བར་མངོན་པ་ལགས་སོ།  །ལོག་པར་སྨོན་པ་གྲུབ་པ་མཐའ་དག་གི།  །སྟོབས་ཀྱི་རི་དབང་མཐར་བྱེད་གཞོན་ནུ་ཡི།  །ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཏུ།  །གྱུར་ནས་བསྟན་འགྲོའི་དཔལ་དུ་འབར་བར་སྨོན།  །

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།