མདུན་ངོས། སྙན་ངག བག་ལྷོད་དང་། ...

བག་ལྷོད་དང་། གྲོགས་པོ།

༢༣༣༤༣༡
ཝན་གྷོ་(Van Gogh)ཡི་རི་མོ། གྲོ་ཞིང་དང་ཁ་ཏ།

ཀ་བིར་གྱིས་བརྩམས། བུ་ཆུང་བསོད་ནམས་ཀྱིས་ཨིན་ཡིག་ནས་བསྒྱུར།

 

བག་ལྷོད་པོ་གྱིས་དང་། གྲོགས་པོ།

ཅིའི་ཕྱིར་བྲེལ་འཚུབ་བྱེད་དགོས་སམ།

 

མངར་ཟས་ཀྱིས་བསྐྱངས་པའི་ཕུང་པོ་དེ་

མི་རྟག་འཆི་བས་བཟུང་རྗེས་

དུར་སར་མེ་ཡིས་བསྲེགས།

མཀྲག་མདངས་ལྡན་པའི་མགོ་རས་ཀྱིས་རྒྱན་པའི་

མགོ་བོ་དེ་ཡང་།

ས་སྟེང་དུ་ཕོ་རོག་གིས་བསྲུབས་ལ།

སྟོབས་ལྡན་གྱིས་དབྱུག་པས་

ཐལ་བར་སྣུན་ནས་ཁྱེད་ཀྱི་རུས་པ་འཚོལ།

 

ཀ་བིར་གྱིས་གསུངས་གསལ།

འོན་ཀྱང་ངའི་དུས་ཚོད་ཆུད་ཟོས་ཡིན།

ཅིའི་ཕྱིར་ཟེར་ན།

ཁྱེད་ཀྱི་མགོ་བོ་མི་རྟག་དབྱུག་པས་བརྡུངས་ཀྱང་

གཏི་མུག་ལས་མི་གྲོལ།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།