མདུན་ངོས། སྒྱུར་རྩོམ། རྣམ་ཤེས་ཀྱི་ད...

རྣམ་ཤེས་ཀྱི་དབྱངས།

༢༦༦༢༨༡

ཨ་བེའེ་  ཀེས་(Abhay K)བརྩམས། བུ་ཆུང་བསོད་ནམས་ཀྱིས་བསྒྱུར།

དུས་རྟག་ཏུ་ང་འདིར་གནས།

མགུལ་བཞིན་པའི་ལྷག་པ་བཞིན།

གཟགས་བཞིན་པའི་ལོ་མ་ལྟར།

འཚེར་བཞིན་པའི་ཉི་འོད་བཞིན།

སྒྲོག་བཞིན་པའི་བྱིའུ་སྐད་ལྟར།

ལང་འཚོ་ལྡན་པའི་མེ་ཏོག་བཞིན།

སྔོ་མཐིང་བའི་ནམ་མཁའ་ལྟར།

སྟོང་ལྷང་ལྷང་གི་བར་སྣང་བཞིན།

ང་ལ་སྐྱེ་བ་མེད་ལ་

ང་ལ་འཆི་བ་ཡང་མེད།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།