སྐད་སྦོམ་པོ་དེས་སེམས་ཕྲ་མོ་སྟོན་བཞིན།
གདོང་འབར་འབུར་དེས་གནས་ལུགས་དྲང་མོ་སློབ་བཞིན།
དམའ་ས་ནས་ལངས་མཁན་དེ།
མཐོ་ས་ནས་བསམས་མཁན་དེ།
ཁྱེད་རང་རེད། ཨོཾ་པུ་རི།
རྣམ་པ་ཡག་བཙོག་ཁོ་ནར་བལྟ་བའི་གླིང་དེ་ནས།
ཁྱེད་རང་གིས་དོན་དམ་པའི་མཛེས་སྡུག་ངོམས།
མགོ་འདྲེན་དང་རྒྱུ་དངོས་ཁོ་ནའི་གར་སྟེགས་དེ་ནས།
སྒྱུ་རྩལ་ཁོ་ནར་བརྟེན་མཁན་དེ་ཁྱེད་རེད། ཨོཾ་པུ་རི།
ཁྱེད་རང་གྲོངས་ཟིན་རུང་།
ཁྱེད་རང་གིས་བཟུང་བའི་ཕུང་པོ་གྲངས་ལས་འདས།
ཁྱེད་རང་སོང་ཟིན་རུང་།
ཁྱེད་བཞིན་འགྲོ་ཐུབ་པ་སུ་ཡོད་ཨང་།