མདུན་ངོས། རྒྱུན་ཤེས། ཟས་རིགས་ཉར་ཚག...

ཟས་རིགས་ཉར་ཚགས་ཀྱི་རྨང་གཞི།

༢༣༧༠

ཟས་རིགས་སྐྱོན་མེད་ངང་གཙང་མར་ཉར་ཚགས་ཡག་པོ་བྱེད་ཐབས་ཀྱི་གོ་རིམ།

) སྒེར་གྱི་གཙང་སྦྲ་དང་ཟས་རིགས།

ཟས་རིགས་ལ་ལག་པ་མ་འཆང་གོང་རྟག་པར་ལག་པ་བཀྲུ་དགོས། དེ་བཞིན་ཐ་མག་འཐེན་པའི་རྗེས་དང་། གསང་སྤྱོད་ནང་སོང་བའི་རྗེས། ཕྲུ་གུ་དང་མཉམ་དུ་རྩེད་མོ་བརྩེས་པའི་རྗེས། གཙང་མ་མེད་སར་ལག་པ་ཐུག་པའི་རྗེས་བཅས་སུ་ལག་པ་ངེས་པར་བཀྲུ་དགོས།

གལ་སྲིད་ཁྱེད་རང་སྐྱུག་པ་སྐྱུག་པ་དང་། གྲོད་ཁོག་བཤལ་བ། འགོས་ནད་ཕོག་པའི་སྐབས་བཅས་ཡིན་ན་ཁ་ལག་མ་བཟོ།

) ཟས་རིགས་བཙོག་སྐྱོན་དང་དྲོད་ཚད་སྟངས་འཛིན།

ཁ་ལག་སོས་པ་གྲང་མོའི་རིགས་དྲོད་ཚད་1ᵒC -5ᵒC དང་། ཚ་པོའི་རིགས་དྲོད་ཚད་≥ 60ᵒC ནང་ཚུན་ཉར་ཚགས་བྱ་དགོས།

གལ་སྲིད་ཁ་ལག་གི་རིགས་དྲོད་ཚད་ 5 ནས་ 60 ནང་ཚུན་ཉར་ན། ཁ་ལག་ནང་འབུ་ཕྲའི་རིགས་སྐྱེ་འཕེལ་ཡོང་གི་རེད། དེར་བརྟེན་དྲོད་ཚད་དེའི་ནང་ཁ་ལག་རྒྱུན་རིང་པོ་ཇི་ཙམ་བཞག་པ་དེ་ཙམ་གྱིས་ཁ་ལག་ལ་བཙོག་སྐྱོན་ཡོང་ཉེན་ཆེ་བ་ཡོད། གལ་སྲིད་ཉེན་ཁ་ཅན་གྱི་དྲོད་ཚད་དེའི་ནང་ཟས་རིགས་ཆུ་ཚོད་ ༢ ལྷག་ལུས་ན། ཟས་རིགས་དེ་ཚོ་གཡུག་དགོས་ཀྱི་ཡོད།

) ཟས་རིགས་བཟོ་བའི་དུས་ཡུན་རིང་ཉར་ཚགས་བྱེད་དགོས།

གྲ་སྒྲིག་ཟིན་པའི་ཁ་ལག་གི་རྒྱུ་ཆ་དང་། ཉར་ཚགས་བྱ་རྒྱུའི་ཟས་རིགས་རྗེན་པ། བཙོས་ཟིན་པའི་ཟས་རྣམས་ཕན་ཚུན་མཉམ་བསྲེས་བྱེད་མི་རུང་།

འཁྱག་སྒམ་ནང་དུ་ཟས་རིགས་རྗེན་པ་རྣམས་བཙོས་ཟིན་པའི་ཁ་ལག་གི་འོག་ཏུ་འཇོག་དགོས།

ཁ་ལག་བཟོ་དུས་ཨན་རྡར་ལོགས་ཀ་བྱེད་དགོས་པ་དང་། ཤ་གཏུབས་ཚར་ནས་ཚལ་མ་གཏུབས་གོང་། ཨན་རྡར་དང་གྲི་ངེས་པར་བཀྲུ་དགོས།

) ཟས་རིགས་ཉར་ཚགས་དང་སྤྱོད་སྟངས།

ཟས་རིགས་ཁག་ཟླ་ཚེས་གང་གི་གོང་དུ་བེད་སྤྱོད་དགོས་པ་དང་། བེད་སྤྱོད་ཟླ་ཚེས་གང་གི་གོང་དུ་བེད་སྤྱོད་བྱས་ན་ལེགས་ཤོས་ཡིན་མིན་ལ་བལྟ་དགོས།

གལ་སྲིད་ཁྱེད་རང་གིས་ཕྲུ་གུ་གཞན་ལ་ཁ་ལག་སྟེར་གྱི་ཡོད་ན། ཕྱི་ཐུམ་སྟེང་ཟས་རིགས་མ་འཕྲོད་པའི་སྐོར་བཀོད་ཡོད་མེད་ལ་བལྟ་དགོས།

འཁྱག་སྒམ་ནང་ཁ་ལག་ཉར་ཚགས་བྱེད་དུས། སྲབ་ཤོག་གིས་ཁ་བཏུམས་དགོས།

ཤ་རིགས་བཙོས་མ་དང་རྗེན་པ་མཉམ་དུ་གཏན་ནས་འཇོག་མི་རུང་། དེ་གཉིས་སྣོད་ཁག་ཁག་ནང་བང་རིམ་ལོགས་སུ་འཇོག་དགོས།

) གཙང་བཟོ།

ཁ་ལག་བཟོ་དུས་སྣོད་ཆས་གཙང་མ་ཡིན་དགོས།

ཟས་རིགས་རྗེན་པ་དང་བཙོས་མ་སོ་སོར་ཨན་རྡར་ལོགས་ཀ་བེད་སྤྱོད་བྱེད་དགོས་ (ཡང་ན། བེད་སྤྱོད་བྱས་པའི་བར་མཚམས་སུ་ཆུ་ཚ་པོ་བཀྲུ་དགོས་)

ཁ་ལག་བཟོས་ཚར་རྗེས། ཆ་ཚ་པོ་དང་དག་རྫས་(ཡང་ན་སྣོད་བཀྲུའི་འཕྲུལ་འཁོར་)ཀྱིས་ཨན་རྡར་ངེས་པར་བཀྲུ་དགོས།

ཁ་ལག་བཟོ་སའི་རྟེན་རྣམས་ཆུ་ཚ་པོ་དང་དག་རྫས་ཀྱིས་བཀྲུ་དགོས།

རྩོམ་སྔ་མ།སྙིང་གི་ཇ།
རྩོམ་རྗེས་མ།དབང་སྒྱུར་མཁན་ལ་དབང་བསྒྱུར་བ། (དུམ་བུ་དང་པོ།)
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།